宇宙的明灯灭了-法王如意宝涅槃

日期:2012-04-12
丹增活佛诗集   ༄༅། །འཇིག་རྟེན་གྱི་སྒྲོན་མེ་གཟིམས་སོང༌།  一篇之译文  


 

འཇིག་རྟེན་གྱི་སྒྲོན་མེ་གཟིམས་སོང༌།
ཇི་འདྲའི་ཕངས་པ་ལ་ཨང༌།
ཁྱོད་ནི་བུ་ཡུག་གི་གསེབ་ན་ལྷབ་ལྷབ་ཏུ་འབར་བའི་སྒྲོན་མེ་རྐང་གཅིག་སྟེ།
བྱང་རླུང་གི་གྲང་རེག་ངར་མོའི་རྣོ་དབལ་གྱིས་རུས་རྐང་ལ་ཡང་ཡང་གཟིར་ཡང༌།
ད་དུང་ཅི་མི་སྙམ་པར།
མུན་པ་ཁམ་དུ་ཟ་བའི་འོད་སྣང་གི་ལང་ཚོས་ས་ཕྱོགས་འདི་རེ་ཞིག་ཟླ་ཞུན་གྱི་སྐྱེད་ཚལ་དུ་བསྒྱུར།
དེ་ལྟ་ནའང༌། ཡིད་ཕམ་པ་ཞིག་ལ།
སྐུ་ངལ་གྱི་རྔུལ་ཆུ་བསགས་པའི་མར་ཁུའི་དབུས་ན།
སྙིང་སྟོབས་ཀྱི་སྡོང་བུ་ལས་མཛད་ཕྲིན་གྱི་མེ་ལྕེ་སྡུག་གུར་འཁྱུག་བཞིན་པ།
ད་ཆ་གློ་བུར་དུ་མནལ་བས།
ཉིན་མོ་ལོང་བ་དག་ཧ་ཧར་དགོད་ཅིང༌།
མིག་ལྡན་སྐྱེ་འགྲོ་དག་སྨྲེ་སྔགས་ཀྱི་བཟླས་བརྗོད་ལ་བརྩོན།
རི་རྩེའི་དར་ལྕོག་གིས་ཅ་ཅོ་བར་མེད་དུ་སྒྲོགས་ཤིང༌།
གསེར་ཆུ་སྔོན་མོ་ད་དུང་སྣང་མེད་དུ་བཞུར།
ཀྱེ་མ། ངའི་སྙིང་རྩེ་ན་འབར་བའི་གསེར་མདོག་གི་སྒྲོན་མེ་ལགས།
ཁྱེད་ཉིད་ཞི་བར་གཟིམས་པ་དེ།
ངེད་ཅག་གཞན་དབང་དུ་གྱུར་པའི་རྣམ་ཤེས་ཕྲ་མོ་ཚོ་གཅིག་གི་ཆག་སྒོ་ཙམ་མིན་པར།
སྣང་བ་ལ་གཉེན་དུ་འཛིན་པའི་སྲོག་ཆགས་ཡོངས་ཀྱི་གསབ་ཐབས་བྲལ་བའི་གྱོང་སྒོ་ཞིག་ལོས་ཡིན།
རེད་ཡ། ཡང་བསྐྱར་ངའི་གྱེས་གདུང་གི་རྨ་ཁ་ལ་ན་ཟུག་བརྒྱབས་ཏེ།
རྗེས་དྲན་གྱི་སྙན་ངག་ཅིག་འབྲི་བཞིན་རྒྱང་མ་ནས་ཕྱི་མིག་ལྟ་སྐབས།
ཁྱོད་ཀྱི་འོད་སྣང་དེ་གྲང་ཤི་མ་ཐེབས་པར་གཅིག་ལས་གཉིས་མཆེད་ཀྱིས་མུ་འབྲེལ་དུ་གསལ་བ་
མཐོང་བས།
ད་དུང་ཇི་སྲིད་བར་མི་རྣམས་ཀྱི་སེམས་ཁོང་དུ་འཇིག་རྟེན་གྱི་སྒྲོན་མེ་ཉིད་གསོན་པོར་གནས་ཏེ་
སྣང་བའི་རྩེ་དགའ་འགྱེད་པར་ངེས།

宇宙的明灯灭了
多么令人扼腕叹息啊
您是暴风雪中摇曳燃烧的唯一明灯
虽然北方刺骨的寒风无数次逼迫
但您依然毫不屈服
用光明一步步逼退黑暗把这片土地改变成月亮熔液的花园
然而,遗憾的是
您辛苦汗水凝结的融酥中
勇气的灯芯上正闪耀着的事业的美丽火焰
现在却突然熄灭了
鸱鸮哈哈大笑
而看见光明的人都止不住地痛哭悲号
山顶的经旗依然不断地喧哗
青色的色曲依然冷漠地流淌
呜呼!我心尖燃烧的金色明灯啊
您在涅槃的境界中已经入睡了
这不仅是对我们一队渺小灵魂的不幸打击
而且是以光明为亲的所有众生难以弥补的重大损失
是呀!我离别的伤口再次大痛
写着怀念的诗歌远远后望
看见您的光明并没有仅此熄灭而是代代相传更加璀灿明亮

因此直到永远,
宇宙的明灯您都将深深留在人们心中并灿烂照耀。

所属类别: 诗歌

该资讯的关键词为:

页面版权© www.blh.hk      粤ICP备08008457号  技术支持: 中企动力  【后台管理登陆】