莲花生大师啊,您去了何方

日期:2012-04-12
丹增活佛诗集   པད་འབྱུང་ལགས། ཁྱེད་ ཉིད་གང་དུ་བཞུད།  一篇之译文  


 

ངུད་མོའི་དབྱངས་རྟ་རིང་མོ་ཞིག་གིས།
ལྷིང་འཇགས་ཀྱི་ཁོར་ཡུག་དཀྲོགས་ཤིང༌།
གུང་ཐང་ལ་ཁ་སྨྲེ་སྔགས་ཀྱི་རྒྱ་མཚོ་རུ་བསྒྱུར་སོང༌།
མཆི་མ་དང་བཅས་པའི་མིག་ལམ་ནས་པད་འབྱུང་གི་གཟུགས་སྐུ་དེ།
བལྟས་བལྟས་རིག་རིག་ལ།
ལྷོ་ནུབ་ཀྱི་མཐོངས་དབྱིངས་སུ་གསེར་མདོག་གི་ཉི་མ་དང་མཉམ་དུ་ཡལ།

ཀྱེ་མ་འདི་རྨི་ལམ་ཡིན་ནམ།
ཉམ་ཆུང་གི་རྣམ་ཤེས་མང་པོ་ཞིག
ད་དུང་མངའ་བདག་རྒྱལ་པོའི་བང་སོ་ལ་འཁྲིས་ནས།
གདུང་འབོད་ཁྲི་ཕྲག་གི་ཁུགས་སོ་ན།
སྐྱོ་གླུ་དབྱངས་སུ་གྱེར་བཞིན།
ལྷོ་ནུབ་ཀྱི་མཁའ་མཐའ་རུ་ཡང་ཡང་ལྟ།

ཨོ་རྒྱན་གྱི་སློབ་དཔོན་ལགས།
གདོང་དམར་སྤྲེལ་རྒན་གྱི་བུ་དང་བུ་མོ་ཚོས།
ཁྱེད་ཀྱི་སྣང་བརྙན་དང་མཚན་སྔགས་རྡོ་ལ་བསྐོས་ཏེ།
སྒྲུང་གཏམ་དང་ཐང་ཡིག་གི་ཕུང་པོ་གཏོས་ཆེ་བའི་ཁྲོད་ནས།
གང་ཉིད་ཀྱི་སྐྱེས་རབས་རྣམ་པར་ཐར་བ་ལ་གཏན་དུ་རྗེས་དྲན་ཞུ་ཞིང་ཡོད།
དེ་བས་ན། 
དུས་རབས་ཀྱི་མཆོངས་སྟབས་ཤིག་གིས།
སྟོང་ལོ་གཅིག་གི་ཕ་རོལ་ཏུ་བསྐྱུར་ཀྱང༌།
ཐེར་ཟུག་གི་པད་དབྱངས་ཀྱིས་མི་རྟག་མཐའ་བཞིའི་གཏན་ཚིགས་ལ་གཏིང་ནས་ཁྲེལ་དགོད་བྱས།

མཚོ་འཁྲུངས་ཀྱི་སློབ་དཔོན་ལགས།
སྐུ་ཉིད་པདྨ་འོད་ཀྱི་ཕོ་བྲང་ན།
མ་ཚོགས་མཁའ་འགྲོའི་གླུ་བྲོའི་སྒྱུ་རྩལ་གྱིས་གཡོ་མེད་ཏིང་འཛིན་གྱི་རྒྱར་བཅུག་སྟེ།
ཁ་བ་རི་བའི་སྐྱེ་འགྲོ་རྣམས་བརྗེད་པ་ཡིན་ནམ།
ན་ནིང་ཁྲུང་ཁྲུང་ཁྱུ་ཚོགས་ཤིག་ལྷོ་ནུབ་ཏུ་འཕུར་ནས་སོང་བ་ལ་འདི་ཕྱོགས་ཀྱི་ལོ་རྒྱུས་བྲིས་ནས་བསྐུར་ཡོད་ཀྱང༌།
ད་བར་འཕྲིན་ལན་གང་ཡང་མ་བྱུང༌།
ཁྱེད་རང་གཤེགས་ཤུལ་གྱི་འཇའ་ལམ་དཀར་པོའི་དར་ཐག་དེ་སྔར་བཞིན་བརྐྱངས་ཡོད་ན།
དཔའ་ཆེན་འཛུམ་དྲུག་གི་སྟག་ཤམ་བགོས་ཤིང༌།
ཀ་ཤཱིའི་རས་གཟན་གྱི་གཤོག་ཡངས་བསྐྱོད་དེ་རྒོད་པོས་གནམ་འཕངས་བཅད་པ་བཞིན་སྔ་ཙམ་ནས་དེ་གར་འོང་ན་མི་ཆོག་གམ།

 

长长的哭喊声,
惊扰了四周的安宁,
贡唐山顶已悲声如海,
含着泪水的目光,
眼睁睁地看着莲师,
与金色的太阳一同消失在西南的天空……

呜呼,这是梦吗?
众多无助的灵魂,
仍围拢着赞普君王的陵墓,
在万分悲痛的角落,
吟唱着哀伤歌谣,
一次次望向西南的天际……

邬金上师啊,
红脸圣猴的子女们,
把您的身影和名号镌刻在石上,
无数的传说故事中,
您世代的传奇被永为纪念。
因此,
即使时间一跃到了千年之外,
永恒的莲音①
却依然在嘲笑着四际的无常 。

海生上师啊,
您在莲花光的宫殿里,
沉迷空行的歌舞入了不动等持,
难道已忘了雪山众生?
去年鹤群飞往西南时捎去的信笺,

迄今杳无回音。
您飞升的虹路依然如风旗伸展,
多想穿上勇士的虎皮裙,
摇动薄薄的披单之翼如鹰般冲向天空,
早点去您那可以吗?

 

备注:①莲音:指莲师心咒。

所属类别: 诗歌

该资讯的关键词为:

页面版权© www.blh.hk      粤ICP备08008457号  技术支持: 中企动力  【后台管理登陆】