དགོང་ཁ་ཡི་མཚམས་སྤྲིན་དམར་པོ། །ནུབ་ཕྱོགས་ཀྱི་རི་རྩེར་ལྷུང་སྟེ། །སྒྱུ་འཕྲུལ་གྱི་བློས་བསླངས་དཀྱིལ་འཁོར། །ཟངས་མདོག་གི་སྣང་བས་ཁེབས་སོང༌། །
ཟླ་འོད་ཀྱི་འོག་གི་མཚན་མོ། །རི་ཁྲོད་འདིའི་མཐོངས་སུ་བབས་པས། །སྔར་འདྲིས་ཀྱི་མེ་ཏོག་པདྨའི། །འཛུམ་དཀར་དེ་མཐོང་རྒྱུ་མ་བྱུང༌། །
གཟིམ་ཆུང་གི་སྐར་ཁུང་ནང་ནས། །རྒྱང་རིང་གི་མཁའ་ལ་བལྟས་ཚེ། །སྨིན་དྲུག་གི་འདར་ཆུང་བརྒྱབ་པས། །སེམས་པ་ལ་ན་ཟུག་བསླངས་ཀྱང༌། །
ལྷ་ཁང་གི་བྱ་འདབས་འོག་ནས། །ཅོ་ཀ་ཡི་སྐད་ལ་ཉན་ན། །སྐྱོ་སྡུག་གི་ཐུན་གསུམ་མུན་པ། །མི་རིང་བར་སངས་རྒྱུ་འོང་ཟེར། །
ཤར་ཕྱོགས་ཀྱི་ལ་ཁའི་ཕྲག་ནས། །སྐར་ཆེན་གྱི་འཛུམ་པའི་མིག་བརྡའི། །གསང་སྟབས་ཀྱིས་འཕྲིན་པ་་གནང་བས། །ཡིད་སེམས་དེ་ཁོ་ཐག་ཆོད་སོང༌། །
|