ལོ་ཆུང་སེམས་པའི་འགྱུར་ལྡོག །ནམ་ཟླ་དཔྱིད་ཁའི་གནམ་ངོ༌། །ཚིག་གསུམ་དམ་བཅའི་རི་མོ། །གོམ་གསུམ་བར་ནས་བརྗེད་འགྲོ། །
བརྩེ་དུང་སེར་བུའི་རིལ་བུ། །རྟག་འཛིན་འཆིང་བར་བཅངས་ཀྱང༌། །ཕྱི་ཐག་དྲོད་ཀྱིས་རེག་ཚེ། །ཅང་མེད་ཆུ་རུ་འགྱུར་འགྲོ། །
ཡལ་རྒྱུ་མེད་པའི་འཛུམ་མདངས། །གཏན་དུ་ཞེ་ལ་བཀོད་ཀྱང༌། །སྨིན་མ་བསྡུས་པའི་ཁྲོ་གཉེར། །ཟླ་གསུམ་གོང་ནས་མཐོང་འོང༌། །
དུང་སེམས་ཕབ་ཀྱིས་བསྙལ་བའི། །འཛུམ་དཀར་རྒུན་ཆང་མངར་མོ། །ཞིམ་ཡང་བཟི་ཁ་བཙན་པས། །ཨ་ཇོས་ཆུན་ས་མ་རེད། །
དྭངས་བསིལ་ཆུ་བོའི་ངོགས་ནས། །མི་སྡོད་ལོ་ཟླས་རྙིང་བའི། །རང་གི་བཞིན་རས་མཐོང་བས། །ཕུགས་འདུན་ལྷ་ཆོས་དྲན་བྱུང༌། །
|