|
ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌།། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌།། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ།། དེ་ནས་དངོས་གཞི་སྨོན་འཇུག་སྟབས་གཅིག་ཏུ་བླང་བ་ནི། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། སངས་རྒྱས་རྣམས་ལ་སྐྱབས་སུ་མཆི།། ཆོས་དང་བྱང་ཆུབ་སེམས་དཔའ་ཡི།། ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི།། ལན་གསུམ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌།། བྱང་ཆུབ་སེམས་དཔའི་བསླབ་པ་ལ།། དེ་དག་རིམ་བཞིན་གནས་པ་ལྟར།། དེ་བཞིན་འགྲོ་ལ་ཕན་དོན་དུ།། བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌།། དེ་བཞིན་དུ་ནི་བསླབ་པ་ལའང༌།། རིམ་པ་བཞིན་དུ་བསླབ་པར་བགྱི།། ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླངས་ལ མཇུག་ཏུ་གཟེངས་བསྟོད་ཅིང་དགའ་བ་སྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད།། མི་ཡི་སྲིད་པ་ལེགས་པར་ཐོབ།། དེ་རིང་སངས་རྒྱས་རིགས་སུ་སྐྱེས།། སངས་རྒྱས་སྲས་སུ་ད་གྱུར་ཏོ།། ད་ནི་བདག་གིས་ཅི་ནས་ཀྱང༌།། རིགས་དང་མཐུན་པའི་ལས་བརྩམས་ཏེ།། སྐྱོན་མེད་བཙུན་པའི་རིགས་འདི་ལ།། རྙོག་པར་མི་འགྱུར་དེ་ལྟར་བྱ།། ལོང་བས་ཕྱག་དར་ཕུང་པོ་ལས།། ཇི་ལྟར་རིན་ཆེན་རྙེད་པ་ལྟར།། དེ་བཞིན་ཇི་ཞིག་སྟར་ལྟེས་ནས།། བྱང་ཆུབ་སེམས་ནི་བདག་ལ་སྐྱེས།། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི།། སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི།། བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས།། ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས།། སྨོན་ལམ་གྱི་རིམ་པ་ནི། བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པར་ཡང༌།། གོང་ནས་གོང་དུ་འཕེལ་བར་ཤོག། བྱང་ཆུབ་སེམས་དང་མི་འབྲལ་ཞིང༌།། བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌།། སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌།། བདུད་ཀྱི་ལས་རྣམས་སྤོང་བར་ཤོག། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི།། འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག། མགོན་པོ་ཡིས་ནི་གང་དགོངས་པ།། སེམས་ཅན་རྣམས་ལའང་དེ་འབྱོར་ཤོག། སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག། ངན་འགྲོ་ཐམས་ཅད་རྟག་ཏུ་སྟོང་བར་ཤོག། བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ།། དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག། །། |
效杰纳耶波桑吉炯丹迪檀嘉当 萨杰拉内波向却森华森华钦波南当 喇嘛多杰怎巴钦波南达拉功色所
向却酿波其杰瓦 桑吉南拉嘉森且 丘当向却森华耶 措拉昂得因嘉森且
杰达温杰得夏吉 向却特呢杰巴当 向却森慧拉巴拉 得达仁因内巴达 得因卓拉潘敦德 向却森呢杰杰央 得因德呢拉巴拉昂 仁巴因德拉巴杰
当迪达才追沃友 摩耶哲巴拉巴托 得让桑吉热色吉 桑吉这色达杰多 达呢达给杰内将 热当屯波利赞得 俊美怎波热德拉 纽巴摩杰得达夏 隆威夏达彭波利 杰达仁钦涅巴达 得因杰耶达迪内 向却森呢达拉吉 达给得让玖巴檀嘉杰 先阿卓瓦得夏涅当呢 瓦德得拉准德悟仁吉 拉当拉门拉所嘎瓦吉
向却森巧仁波切 玛吉巴南吉杰吉 吉巴年巴美巴央 功内功德培瓦效 向却森当摩抓央 向却秀拉友瓦当 桑吉南吉永荣央 德杰利南崩瓦效 向却森华南吉呢 卓敦特拉功哲效 滚波义呢刚功巴 森坚南拉昂得玖效 森坚檀嘉得当丹杰吉 安卓檀嘉达德东瓦效 向却森华刚达萨耶巴 得达根杰门蓝哲巴效
|
祈请十方一切出有坏正等觉及 十地菩萨摩诃萨众及 诸位大金刚持上师垂念我 正行愿行发心者: 乃至菩提果 皈依诸如来 正法菩萨众 如是亦皈依 (三遍) 如昔诸善逝 先发菩提心 复此循序住 菩萨诸学处 如是为利生 我发菩提心 复于诸学处 次第勤修学 (诵三遍受菩萨戒) (后赞叹随喜者:) 今生吾获福 善得此人身 复生佛家族 今成如来子 尔后吾当为 宜乎佛族业 慎莫染污此 无垢尊贵种 犹如目盲人 废聚获至宝 生此菩提心 如是我何幸 今于怙主前 筵众为上宾 宴飨成佛乐 普愿皆欢喜 (发愿次第:) 菩提心妙宝 未生者当生 已生勿退失 展转益增长 愿不舍觉心 委身菩提行 诸佛恒提携 断尽诸魔业 愿菩萨如意 成办众生利 愿有情悉得 怙主慈护念 愿众生得乐 诸恶趣永尽 愿登地菩萨 彼愿皆成就 |